毆打執法人員後續來了!(藏漢雙語)

青海 67℃ 0
摘要:2021年7月14日茫曲派出所民、輔警在處置一起救助事件期間,犯罪嫌疑人三某某拒不配合民、輔警執法,無故辱駡、推搡、毆打執法民、輔警,造成執法民、輔警臉部、腿部不同程度受傷,被公安機關依法刑事拘留。被告人三某某以暴力、威脅方法阻礙國家機關工作人員依法執行職務,其行為已構成妨害公務罪。貴南縣人民法院依法判處被告人三某某有期徒刑六個月。

【案例】2021年7月14日茫曲派出所民、輔警在處置一起救助事件期間,犯罪嫌疑人三某某拒不配合民、輔警執法,無故辱駡、推搡、毆打執法民、輔警,造成執法民、輔警臉部、腿部不同程度受傷,被公安機關依法刑事拘留。

【法官判决】被告人三某某以暴力、威脅方法阻礙國家機關工作人員依法執行職務,其行為已構成妨害公務罪。貴南縣人民法院依法判處被告人三某某有期徒刑六個月。

【普法時間】根據《刑法》第二百七十七條:

1.以暴力、威脅方法阻礙國家機關工作人員依法執行職務的,處三年以下有期徒刑、拘役、管制或者罰金。

2.以暴力、威脅方法阻礙全國人民代表大會和地方各級人民代表大會代表依法執行代表職務的,依照前款的規定處罰。

3.在自然灾害和突發事件中,以暴力、威脅方法阻礙紅十字會工作人員依法履行職責的,依照第一款的規定處罰。

4.故意阻礙國家安全機關、公安機關依法執行國家安全工作任務,未使用暴力、威脅方法,造成嚴重後果的,依照第一款的規定處罰。

5.暴力襲擊正在依法執行職務的人民警察的,處三年以下有期徒刑、拘役或者管制;使用槍支、管制刀具,或者以駕駛機動車撞擊等手段,嚴重危及其人身安全的,處三年以上七年以下有期徒刑。

【警詧有話說】人民警察擔負著維護國家安全,維護社會秩序,保護公民人身和財產安全的重要使命。他們是法律的執行者、捍衛者,每個公民都應該尊重警詧。若對處理結果不服,可以通過法律程式進行維權。切記不要因為一時衝動,而做出暴力襲警等行為。

གྱོད་དཔེ།2021ལོའི་ཟླ་7པའི་ཚེས་14ཉིན།མང་ཆུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡུལ་དངོས་སུ་སོང་ནས་གྱོད་དོན་ཐག་གཅོད་བྱེད་སྐབས།དོགས་ཡོད་ཉེས་ཅན་བསམ་ཆེ་གེ་མོས་ཉེན་རྟོག་པར་གཞོགས་འདེགས་མི་བྱེད་པར་མ་ཟད།དོན་མེད་དུ་ཉེན་རྟོག་པར་སྡིགས་དམོད་དང་ཕུད་རྒྱགཐ་ན་བདའ་རྡུང་སོགས་བྱས་ཏེ་མི་དམངས་ཉེན་རྟོག་པའི་ངོ་གདོང་དང་རྐང་པར་ཚད་མི་འདྲ་བའི་རྨས་སྐྱོན་བཟོས་པས།སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཀག་སྐྱིལ་བྱས་ཡོད།

ཁྲིམས་དཔོན་གྱི་ཁྲིམས་གཅོད།བསམ་ཆེ་གེ་མོས་དྲག་ཤུགས་དང་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་གྱི་ལས་བྱེད་པས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོས་པ་དང་།ཁོ་བོའི་བྱ་སྤྱོད་འདིས་གཞུང་དོན་བསྒྲུབ་རྒྱུར་བཀག་འགོག་བྱས་པའི་ནག་ཉེས་སུ་གྲུབ་ཡོད་པས།ཀོས་ནན་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བ་བསམ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ཟླ་བ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་ཡིན།

ཁྲིམས་ལུགས་ཤེས་བྱ།《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པར་གཞིགས་ནས།

1.རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་དྲག་ཤུགས་དང་འཇིགས་བསྐུལ་བྱས་པར་དུས་བཙོན་ལོ་གསུམ་མན་དང་།ཡང་ན་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ།དངུལ་ཆད་བཅས་གཅོད་རྒྱུ།

2.རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རིམ་པ་ཁག་གི་འཐུས་མིས་བཅའ་ཁྲིམས་ལྟར་འཐུས་མིའི་ལས་འགན་སྒྲུབ་པར་དྲག་ཤུགས་དང་འཇིགས་བསྐུལ་གྱིས་བཀག་འགོག་བྱས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

3.རང་བྱུང་གནོད་འཚེ་དང་གློ་བུར་བའི་དོན་རྐྱེན་བྱུང་བའི་སྐབས་སུ་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་སྒྲུབ་མི་སྣས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་དྲག་ཤུགས་དང་འཇིགས་བསྐུལ་གྱིས་བཀག་འགོག་བྱས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

4.རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་བསམ་བཞིན་དུ་བཀག་འགོག་བྱས་ཚེ།དྲག་ཤུགས་དང་འཇིགས་བསྐུལ་གྱི་བྱ་ཐབས་མ་སྤྱད་ནའང་མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་གོང་གསལ་གྱི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

5.ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ།རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན།མེ་མདའ་དང་བཀག་འགོག་བྱས་ཡོད་པའི་གྲི་སྤྱོད་པའམ་ཡང་ན་འཕྲུལ་སྒུལ་འཁོར་ལོའི་རིགས་བསྐོར་ཏེ་བསམ་བཞིན་དུ་རྡུང་ཐུག་རྒྱག་པ་སོགས་བྱས་ཏེ་མི་ལུས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ།

ཉེན་རྟོག་པའི་ཁ་རྡམི་དམངས་ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་།སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་།སྤྱི་དམངས་ཀྱི་ལུས་ཁམས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བཅས་ཀྱི་ལས་འགན་གལ་ཆེན་འཁུར་ཡོད།ཁོ་ཚོ་ནི་བཅའ་ཁྲིམས་ལག་བསྟར་བྱེད་མཁན་དང་དེར་སྲུང་སྐྱོབ་བྱེད་མཁན་ཡིན་པས།སྤྱི་དམངས་ཚང་མས་ཉེན་རྟོག་པར་བརྩི་འཇོག་བྱེད་དགོས།གལ་ཏེ་ཉེན་རྟོག་པས་ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཡིད་འཐད་མ་བྱུང་ཚེ།བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་དེ་རང་གི་ཁེ་དབང་ལ་སྲུང་སྐྱོང་བྱས་ཆོགཡིད་ལ་འཛིན་རྒྱུ་ཞིག་ལ་དྲག་ཤུགས་ཀྱིས་ཉེན་རྟོག་པར་རྒོལ་བ་སོགས་ཀྱི་ཧོལ་རྒྱུག་གཏན་ནས་བྱེད་མི་རུང་ངོ།།

稿件來源:刑警大隊

稿件翻譯:東周才讓

評論留言

  • 熱心網友
    暫時沒有留言

我要留言

◎歡迎參與討論,請在這裡發表您的看法、交流您的觀點。【所有評論需要人工稽核後才能顯示,請勿發佈垃圾資訊】